No video

༼དཀའ་མ་ཐལ།༽performance by Tenzin Tsephel, Tenzin Dechen & Gyasey Ponsar at Losar with lyric

༼དཀའ་མ་ཐལ།༽dance performance by Tenzin Tsephel, Tenzin Dechen & Gyasey Ponsar Losar Tsepa Nyipa at Chikhang 2024
ང་ད་ནངས་ཡོང་ཡོང་སོག་ཤོད་ཡུལ་ནས་ཡོང་ཡིན།།
སོག་གཡག་ལ་སེ་བོའི་བྱིན་རླབས་ཁྱེར་ནས་སླེབས་ཡོད།།
ཕ་ཨ་མྱེས་བཞག་པའི་རས་པ་(སོག་ཞོལ་རས་པ)འཁྲབ་བཞིན་སླེབས་ཡོད།།
དཀའ་མ་ཐལ་ངེད་ཚང་བདེ་མོ་སྐྱིད་པོ་ཡིན་ལགས།།
ཕུ་འཚེར་ས་རི་ལུང་སྡེ་བའི་མི་ལ་བཙོང་མེད།།
མདའ་ཞིང་ས་གྲུ་བཞི་སྐམ་པོའི་ཐང་ལ་བསྒྱུར་མེད།།
ཡུལ་ཕུ་ནུ་མཐུན་པའི་གཏམ་བཟང་ཁྱེར་ནས་སླེབས་ཡོད།།
དཀའ་མ་ཐལ་ཚང་མ་བདེ་མོ་འཚམ་པོ་ཡིན་ལགས།།
ང་ད་ནངས་ཡོང་ཡོང་སོག་ཆུའི་རྒྱུད་ནས་ཡོང་ཡིན།།
སྒ་སྐྱ་ལོ་ཚང་(སྐྱ་ལོའི་ཕ་མཁར་ཙན་དན་དགོན)གི་གཡང་རྟེན་ཁྱེར་ནས་སླེབས་ཡོད།།
སྨན་འབྲུག་མོས་བཞག་པའི་སྐྱེས་གཟུགས་ངོམ་བཞིན་སླེབས་ཡོད།།
དཀའ་མ་ཐལ་ངེད་ཚང་བདེ་མོ་སྐྱིད་པོ་ཡིན་ལགས།།
ཆུང་ཚ་བོ་ཚ་མོ་བདག་མེད་སྲང་ལ་བརྒྱབ་མེད།།
གཞོན་ཕོ་སར་མོ་སར་ལས་མེད་ནང་ལ་ཉལ་མེད།།
དྲིན་ཕ་མས་བསྐུར་བའི་ལག་རྟགས་ཁྱེར་ནས་སླེབས་ཡོད།།
དཀའ་མ་ཐལ་ཚང་མ་བདེ་མོ་འཚམ་པོ་ཡིན་ལགས།།
ང་ད་ནངས་ཡོང་ཡོང་སོག་རོང་སྨད་ནས་ཡོང་ཡིན།།
ཁམས་སྲིན་མོ་རྫོང་གི་གནས་བཤད་ཁྱེར་ནས་སླེབས་ཡོད།།
མ་སྲུ་མོས་བསླབས་པའི་སྒོར་བྲོ་(སོག་རོང་སྒོར་བྲོ)འཁྲབ་ནས་སླེབས་ཡོད།།
དཀའ་མ་ཐལ་ངེད་ཚང་བདེ་མོ་སྐྱིད་པོ་ཡིན་ལགས།།
འབྲོག་རྫི་བོའི་གླུ་ངག་ལུང་སྟོང་ནང་ལ་ཡལ་མེད།།
གྲོང་ཡུལ་བའི་རྡོག་བྲོ་སྔ་མོའི་གཏམ་ལ་ལུས་མེད།།
གོང་མེས་པོས་བཞག་པའི་ནོར་བུ་ཁྱེར་ནས་སླེབས་ཡོད།།
དཀའ་མ་ཐལ་ཚང་མ་བདེ་མོ་འཚམ་པོ་ཡིན་ལགས།།
དུས་དེ་རིང་ང་ཚོ་མཉམ་དུ་བྲོ་ཞིག་འཁྲོབས་ཤོག།
སྐྱིད་མཉམ་འཛོམས་བྱུང་བའི་བྲོ་ཞིག་ཡ་ལ་འཁྲོབས་ཤོག །
དུས་དེ་རིང་ང་ཚོ་མཉམ་དུ་གླུ་ཞིག་ལོངས་ཤོག །
སང་ཡང་ཡང་མཇལ་བའི་གླུ་ཞིག་ཡ་ལ་ལོངས་ཤོག །

Пікірлер: 1

  • @user-cp6cf7dg5s
    @user-cp6cf7dg5s3 ай бұрын

    🎉🎉🎉❤❤❤

Келесі