ཨི་ལྕི་པ་སངས་བུ་འཁྲིད། New Ngari Song

མངའ་རིས་རོང་རྒྱུད་དུ་དར་ཆེ་བའི། ཕོ་མོ་བརྩེ་དུངས་ཀྱི་མཛའ་གླུ། གསོན་ཉམས་ལྡན་ཞིང་ཕན་ཚུན་ལག་གདང་གིས། དྲི་བསུང་འཐུལ་འཐུལ་འདི་བཞིན། སྔ་མོ་ནད་ཡམས་འགོ་འཛུགས་ཀྱི་བར་དཀྱིལ་ཞིག་ན། ལ་དྭགས་བསོད་ནམས་གླིང་། བརྒྱ་ཤོག་བཅུ་གཉིས་སུ་བཞུགས་པའི། ཨ་ལྕག་དངོས་གྲུབ་ལགས་བརྒྱུད་ཁ་རག་གཞས་དཔོན། ཨ་མ་དྲི་མེད་ལགས་ཀྱིས་ལེན་ནས་ཕྲན་ལ་བསླབས་སོང་། ཁ་རག་གཞས་མ་གཙོས་ཨ་ལྕག་མིང་སྲིང་ཚང་མར། ཐུགས་རྗེ་ཆེ་ཞུ་གི་ཡོད། འདི་ལེན་ལ་དྭགས་སུ་སླེབས་ཞོར། རོང་རྒྱུད་ཀྱི་ལེན་སྟངས་གང་ཐུབ་ལེན་ཁུལ་གྱིས། བརྙན་ལེན་ཐུབ་པར་དགའ་ཡོད།
བྷེང་ལོར་བོད་ཀྱི་གསོ་བ་རིག་པ་མཐོ་སློབ་ཀྱི། ལས་བྱེད་སྨྱུག་འཛིན་རིག་འཛིན་ཟླ་བ་ལགས་དང་། ཨ་རིར་བཞུགས་པའི་ཨམ་ཇི་བདེ་གསལ་ལགས་རྣམ་གཉིས་ནས། འབད་འབུངས་ཆེན་པོས་ཨིན་བསྒྱུར་གནང་ཞིང་། གོ་བོ་དཀྲོལ་བའི་རོལ་དབྱངས་བ་ནི། གྲོགས་དགེ་ཕྲུག་ཚོ་རུབ་བ་བསོད་ནམས་དོན་གྲུབ་ལགས་དང་། བརྙན་ལེན་བ་ནུ་བོ་བསྟན་འཛིན་ལྷ་རྒྱལ་ལགས། ལྷན་རྒྱས་ཚང་མར་བཟང་སོང་བཟང་སོང་། བཀའ་དྲིན་ཆེ་ཞུ་གི་ཡོད།
Eche Pasang Bhuti
Since the dawn of the Ngari era, love-themed songs have brought vibrant life to people. In the middle of the COVID-19 pandemic, through the trust of Acha Ngodup from Ladakh Sonamling, Kharang artist Ama Dhenmey La with her cousins sang together and instructed this song. I extend my heartfelt thanks to all of them. Along with this year’s Ladakh trip, I’m delighted to shoot the song's music video where I have tried to the best of my abilities to come out with a similar way of singing to the original Rong pronunciation.
I appreciate and extend thanks to Mr Rinzin Dawa (staff member of Men-Tsee-Khang, Bangalore) and Dr Dhesel (from the United States) for the translation of the lyric from Tibetan to English. Love to Bhumo Tselha for her support with translation. Special thanks to Musician Sonam Dhondup (dear student and friend) for the Tibetan Guitar instrument and brother Tenzin Lhagyal for videography.
གཞས་ཚིག
ཨི་ཇི་པ་སངས་བུ་འཁྲིད།
རྟར་ཁ་རྡོ་ལ་འགྲིག་སོང་། ཏཱ་ལའི་ལོ་མ་བཅད་སོང་། རྟར་ཁ་རྡོ་ལ་འགྲིག་སོང་། ཏཱ་ལའི་ལོ་མ་བཅད་སོང་།
འབྲས་བུ་ཤིང་ཏོག་ཨྰ་མྲའི། ཉམས་བཟང་སྐྱོང་རོགས་གནང་གནང་། འབྲས་བུ་ཤིང་ཏོག་ཨྰ་མྲའི། ཉམས་བཟང་སྐྱོང་རོགས་གནང་གནང་།
ཨི་ལྕི་པ་སངས་བུ་འཁྲིད། ཚེ་རོགས་བརྟན་པའི་གཏན་གྲོགས། རྒྱང་མཛེས་པ་སངས་བུ་འཁྲིད། ཚེ་རོགས་བརྟན་པའི་གཏན་གྲོགས།
འོ་གོ་གཉིས་ཀྱི་དབར་དུ། མ་ཁང་ཀ་བཞི་བཞངས་རེད། འོ་གོ་གཉིས་ཀྱི་དབར་དུ། ཀ་བཞི་གདུང་བརྒྱད་བཞངས་རེད།
ཁྱེད་རང་ཀྭ་བ་འཛུགས་ཤོག། ང་རང་གདུང་མ་འཛུགས་ཡོད། ཁྱེད་རང་ཀྭ་བ་འཛུགས་ཤོག། ང་རང་གདུང་མ་འཛུགས་ལ་ཡོད།
དྲབ་དང་བྲི་ལུ་མི་འདུག། ཙིལ་ཙིལ་ནགས་ཀྱི་ཚེར་མ། གྲབ་དང་བྲ་མ་མི་འདུག། ཙིལ་ཙིལ་ནགས་ཀྱི་ཚེར་མ།
བྲ་མའི་ཕྱག་དེ་འབར་ར། མེ་ཏོག་འཇམ་དབྱངས་སྒྲོལ་མ། བྲ་མའི་ཕྱག་ཏུ་འབར་ར། གསེར་ཆེན་འཇམ་དབྱངས་སྒྲོལ་མ།
མེ་ཏོག་སྒྲུག་ཏུ་ཕྱིན་བྱ། ཕྱག་ཆུང་ཚེར་མའི་ཟགས་སོང་། གསེར་ཆེན་སྒྲུག་ཏུ་ཕྱིན་བྱ། ཕྱག་ཆུང་ཚེར་མ་ཟགས་སོང་།
བྲག་གི་སྐྱེ་རུ་འབར་ར། མེ་ཏོག་ཚེ་དབང་བུམ་པ། བྲག་གི་སྐྱེ་རུ་འབར་ར། གསེར་ཆེན་ཚེ་དབང་བུམ་པ།
མེ་ཏོག་སྒྲུག་ཏུ་ཕྱིན་བྱ། བྲག་ལ་ཐར་ས་མི་འདུག གསེར་ཆེན་སྒྲུག་ཏུ་ཕྱིན་བྱ། བྲག་ལ་ཐར་ས་མི་འདུག
དམན་ཆུང་བུ་མོ་གཅིག་ལ། གཡུ་ཆུང་འདོགས་དགོས་སེམས་བྱུང་། བྱད་དང་ཁ་རི་འཁྱེར་བྱ། གཡུ་བྱུང་འདོགས་དགོས་མ་བྱུང་།
རྟ་བོ་རྟ་ར་སྒང་ལ། སྒ་ཆས་འདྲེན་དགོས་སེམས་བྱུང་། བགྲོས་དང་གོམ་པའི་འཁྱེར་བྱ། སྒ་ཆས་འདྲེན་དགོས་མ་བྱུང་།
ཡ་གི་ལ་མོའི་མགོ་རུ། རྟ་ཕོ་ཕྱི་ནང་ལོག་བྱུང་། ལྕང་རང་ལ་མོའི་མགོ་རུ། རྟ་ཕོ་ཕྱི་ནང་ལོག་བྱུང་།
རྟ་ཕོ་བདེན་ནི་བདེན་བྱུང་། ཆག་དང་ཆུམ་འདུར་ལུས་སོང་། རྟ་ཕོ་བདེན་ནི་བདེན་བྱུང་། ཆག་དང་ཆུམ་འདུར་ལུས་སོང་།

Пікірлер: 19

  • @tashikhabrikspiti
    @tashikhabrikspiti4 ай бұрын

    I really enjoy your song and sweet dapneyn, thanks from spiti India, I really like your culture also❤❤❤

  • @shakgangpasangtsering7601

    @shakgangpasangtsering7601

    4 ай бұрын

    Thank you dear Tashikhabrikspiti touched! Love to read your sweet words! Tibetan Gopo was played by my student and young near friend Sonam Dhondup, he is an expert in Gopo and is originally from Tsoruk Tibet. More traditional songs to come. Keep tuned.

  • @jigmeynorbu5463
    @jigmeynorbu5463 Жыл бұрын

    ❤❤❤

  • @cnegi860
    @cnegi860 Жыл бұрын

    སྙན་པོ་ཞེ་དྲགས་འདུག་ ཐུགས་ཆེ། When I was a child, my grandmother and mother sang this song, 'Lots of Love from Scotland, United Kingdom.

  • @sinonchosphel5076
    @sinonchosphel5076 Жыл бұрын

    Nice 👍👍

  • @Jims-1959
    @Jims-1959 Жыл бұрын

    སྲོལ་རྒྱུན་རྣ་བའི་བུ་རམ།། སྲོལ་སྟོད་ཨ་ཅོ་པ་བཟང།། སྲོལ་འཛིན་ནོ་བོས་སེམས་ནང།། སྲོལ་རྒྱུན་མི་ཉམས་ཡོང་ཤོག།

  • @rinzinwangmo7012
    @rinzinwangmo7012 Жыл бұрын

    🔥🔥🔥

  • @passangwangdu8683
    @passangwangdu8683 Жыл бұрын

  • @ngawangyangdon7858
    @ngawangyangdon785815 күн бұрын

    🙏🏼👍🙏🏼👍🙏🏼🌹🙏🏼🌹🙏🏼👍🙏🏼👍🙏🏼

  • @eternalhungry59
    @eternalhungry59 Жыл бұрын

    Gen Passang and ASHANG DHONDUP rocks, I salute and lot of respect ❤

  • @tenyangvlog3391
    @tenyangvlog3391 Жыл бұрын

    སྙན་སོང་ དགེ་ལགས་👍👍👍

  • @shakgangpasangtsering7601

    @shakgangpasangtsering7601

    Жыл бұрын

    སྙན་ཐོ་ལོ་དང་པོ། ཐུགས་རྗེ་ཆེ་སོང་བསྟན་དབྱངས་ལགས་་་💐

  • @kungatsering4875
    @kungatsering4875 Жыл бұрын

    པི་ཡག་པོ་དུགས་

  • @Ayang59
    @Ayang59 Жыл бұрын

    👍🔥🔥

  • @dawatsering6800
    @dawatsering6800 Жыл бұрын

    རྒན་པ་སངས་ལགས་ཀྱིས་སྙན་འཇེབས་ལྡན་པའི་གསུང་གཞས་ལ་དགའ་མགུ་ཡི་རང་དང བསྔགས་བརྗོད་ཞུ་བཞིན་མཆིས། སྙན་ཐལ་ལོ།

  • @TseringChoezom-wz5hu
    @TseringChoezom-wz5hu Жыл бұрын

    Nice song miss my mom

  • @TseringBawa
    @TseringBawa Жыл бұрын

    ❤❤❤

Келесі