༸སྐྱབས་མཆོག་ངོར་ཀླུ་ལྡིང་༸མཁན་ཆེན་མཆོག་གི་སྐུ་གདུང་ཞུགས་འབུལ། H.E Luding Khenchen cremation Puja.

༸སྐྱབས་མཆོག་ངོར་ཀླུ་ལྡིང་༸མཁན་ཆེན་རྡོ་རྗེ་འཆང་གི་སྐུ་གདུང་ཞུགས་འབུལ།
In remembrance of Precious Teacher, Your Eminence Lama Kheno Luding Khenchen Rinpochey La.
༈དེ་རིང་རབ་བྱུང་ ༡༧ ཆུ་མོ་ཡོས། ཟླ་བ་ ༡༢ ཚེས་ ༢༦ རེས་གཟའ་ཕུར་བུ། ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༡༦ ཉིན། སྐྱབས་གཅིག་འཁོར་ལོའི་མགོན་པོ། འདྲེན་མཆོག་བཀའ་དྲིན་མཚུངས་མེད། ༸སྐྱབས་མཆོག་བདེ་བར་གཤེགས་པ་ངོར་ཤར་ཆེན་ཀླུ་ལྡིང་༸མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་སྐུ་གདུང་རིན་པོ་ཆེ་སྦྱིན་སྲེག་ཁག་ལྔའི་ཐོག་ཞུགས་འབུལ་གནང་ཡོད།
སྦྱིན་སྲེག་ཁག་ལྔ་ནི།
རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་དང་། ༧སྐྱབས་མཆོག་གདུང་སྲས་ཨ་བྷི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག ༧སྐྱབས་མཆོག་ཨ་བྷ་ཡ་རིན་པོ་ཆེ་མཆོག ༸སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག ༸སྐྱབས་མཆོག་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྡོར་སེམས་སྦྱིན་སྲེག་གནང་།
༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་དང་། ༧སྐྱབས་མཆོག་གདུང་སྲས་ཨ་སང་གྷ་བཛྲ་རིན་པོ་ཆེ་མཆོག ༧སྐྱབས་མཆོག་གདུང་སྲས་ཨ་ཀ་ཤ་བཛྲ་རིན་པོ་ཆེ་མཆོག ༸རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དཔལ་གཏེར་མཆོག་དབུ་བཞུགས་ཐོག་ཀྱཻ་རྡོར་སྦྱིན་སྲེག་གནང་།
༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག་དང་། ༧སྐྱབས་མཆོག་བཅོ་བརྒྱད་ཁྲི་པ་ཉེར་དྲུག་པ་མཆོག ༧སྐྱབས་མཆོག་བཅོ་བརྒྱད་ཁྲི་པ་ཉེར་བདུན་པ་མཆོག་དབུ་བཞུགས་ཐོག་རིགས་གསུམ་སྦྱིན་སྲེག་གནང་།
༧སྐྱབས་མཆོག་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དང་། ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག ངོར་ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཀུན་རིག་སྦྱིན་སྲེག་གནང་།
ཕྱི་དབང་སྤྲུལ་སྐུ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མཁའ་སྤྱོད་སྦྱིན་སྲེག་གནང་།
Deep heartfelt moments,His Holiness 42ndSakya Trizin and HE Luding Khen Rinpoche with HE Luding Khenchen Rinpoche during cremation Pujas.
#ludingkhenchen
#ngorpa #sakya
#phurbhudolma
#sakya #ngor
#song #cremationvideo
#cremation #ngorludingkhenchen
#ngorluding

Пікірлер: 5

  • @bhaichungofficial
    @bhaichungofficial5 ай бұрын

    Lama khenno 🙏🌈💐🍁🍂 om manay pema hung rey 🙏🌈💐

  • @palzomlama4761
    @palzomlama4761 Жыл бұрын

    🙏🙏🙏🌹🌹🌹

  • @palzomlama4761
    @palzomlama4761 Жыл бұрын

    😢😢😢

  • @leeyan72
    @leeyan72 Жыл бұрын

    🙏🙏🙏

Келесі