No video

གང་བློ་མའི་འགྲེལ་བཤད་སྐར་མ་སུམ་ཅུ་མ། Explanation of Gangloma in 30 mins བེ་རི་རྒྱལ་སྲས།

གང་བློ་མའི་བསྡུས་འགྲེལ།
གཞུང་གི་དོན།
ཐུགས་ལ་བསྟོད་པ། གསུང་ལ་བསྟོད་པ། སྐུ་ལ་བསྟོད་པ། གཟུངས་སྔགས། གསོལ་འདེབས།
ཐུགས་ལ་བསྟོད་པ།
གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བ། །
ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །
གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི། །
འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་
(དཔེ་གཟུགས་རང་བཞིན་བཅས་འདྲེས་པའི་རབ་སྤེལ་གྱི་རྒྱན)
གཞུང་ཚིག་འདིས་ནི་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་ཡོན་ཏན་བསྟན་པ་ཡིན་ལ། དེ་ཡང་། རྗེ་བཙུན་འཇམ་པའི་དབྱངས་གང་གི་བློ་གྲོས་སམ་མཁྱེན་པ་ནི། སྒྲིབ་གཉིས་ཀྱི་སྤྲིན་པ་དང་ཡོངས་སུ་བྲལ་བ་ཞེས་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤངས་པ་མཐར་ཐུག་པའི་ཡོན་ཏན་བསྟན་པ་དང་། ཉི་མ་སྟོང་དུ་ཤར་བ་ལྟར་མཁྱེན་པ་རབ་གསལ་བ་དེ་ཡིས། ཀུན་རྫོབ་དང་དོན་དམ་གྱིས་བསྡུས་པའི་ཆོས་ཇི་སྙེད་པ་སྟེ་བདེན་གཉིས་ཀྱིས་བསྡུས་པའི་དོན་ཀུན་ཇི་བཞིན་དུ་གཟིགས་པ་དང་། དེ་ལྟར་མཁྱེན་ཅིང་གཟིགས་པ་དེ་མཚོན་པའི་ཕྱིར་དུ་ཉིད་ཀྱི་ཐུགས་ཀ་ལ་གླེགས་བམ་འཛིན་པར་མཛད་པ་དང་། སྐྱེ་བོ་གང་ཟག་སྲིད་པའི་བཙོན་རའི་ནང་དུ། གནས་ལུགས་ལ་རྨོངས་པའི་མ་རིག་པའི་མུན་པ་འཐིབས་པའི་དབང་གིས་སྒོ་ཀུན་ནས་འཐོམས་པ་ལ་བརྟེན་ནས། སྡུག་བསྔལ་གསུམ་གྱིས་རྒྱུན་དུ་གཟིར་ཞིང་མནར་བའི་འགྲོ་བ་མགོན་མེད་པའི་ཚོགས་ཀུན་ལ། མ་བུ་གཅིག་པ་ལ་བརྩེ་བ་ལྟར་རྒྱུ་མེད་པར་ཐུགས་རབ་ཏུ་བརྩེ་བའི་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་འཇམ་པའི་དབྱངས་ཞེས་ཐུགས་ལ་བསྟོད་པའོ།།
གསུང་ལ་བསྟོད་པ།
ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །
འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །
མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །
(དཔེ་གཟུགས་རང་བཞིན་འདྲེས་པའི་རབ་སྤེལ་གྱི་རྒྱན།)
འདིས་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་ལ་བསྟོད་པ་ཡིན་ཏེ། དེ་ཡང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་ནི། གསུང་དབྱངས་ཡན་ལག་དྲུག་ཅུའམ་དྲུག་ཅུ་རྩ་བཞིའི་ཁྱད་ཆོས་དང་ལྡན་པའི་གསུང་ཡིན་ལ། (དྲུག་ཅུ་རྩ་བཞིའི་གྲངས་འདྲེན་ནི་རྗེ་ཙོང་ཁ་པའི་བསྟོད་སྤྲིན་རྒྱ་མཚོ་ལས་ཤེས་པར་བྱ།) དེ་ལྟ་བུའི་གསུང་དེ་ལ། ཁྱད་ཆོས་ཅི་ཞིག་ཡོད་སྙམ་ན། རང་གིས་ཇི་བཞིན་གཟིགས་པའི་དོན་བདེན་པར་སྨྲ་པས་འཇིགས་པ་མེད་པར་འཁོར་གྱི་ཚོགས་ལ་འབྲུག་གི་སྒྲ་ལྟར་ཆེས་ཆེར་སྒྲོག་པ་དང་། སུ་ཡིས་ཐོས་ན་དེའི་རྒྱུད་ཀྱི་ཉོན་མོངས་པའི་གཉིད་སྟུག་པོ་ལས་སློང་བར་མཛད་པ་དང་། དེའི་ལས་ཀྱི་ལྕགས་སྒྲོག་རྣམས་ཀྱང་འགྲོལ་བར་མཛད་ཅིང་། ལས་དང་ཉོན་མོངས་ཀྱི་རྩ་བ་གཏི་མུག་མ་རིག་པའི་མུན་པ་གཏན་དུ་སེལ་བ་དང་། དེ་སེལ་བ་ལ་བརྟེན་ནས་ལས་ཉོན་ལས་བྱུང་བའི་སྡུག་བསྔལ་གྱི་མྱུ་གུ་ཇི་སྙེད་པ་ཐམས་ཅད་རྩ་བ་ནས་གཅོད་པར་མཛད་པས། དེ་མཚོན་པའི་ཕྱིར་དུ་ཕྱག་ཏུ་རལ་གྲི་བསྣམས་ཞེས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་ལ་བསྟོད་པའོ།།
སྐུ་ལ་བསྟོད་པ།
གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་སྐུ། །
བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་ཁྱོད་ལ་འདུད། །
(རང་བཞིན་བརྗོད་པའི་རྒྱན་དང་གཟུགས་རྒྱན་འདྲེས་པ། )
འདིས་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་ལ་བསྟོད་པ་ཡིན་ཏེ། དེ་ཡང་། སེམས་ཀྱི་རང་བཞིན་ལ་དྲི་མ་མ་ཞུགས་པས་སེམས་སྟེང་གི་རང་བཞིན་གྱི་དྲི་མ་ནི་གདོད་མ་ཉིད་ནས་དག་ཅིང་། སེམས་སྟེང་གི་གློ་བུར་གྱི་དྲི་མ་རྣམས་ཀྱང་དག་བྱེད་ཀྱི་གཉེན་པོ་ས་བཅུ་རིམ་བཞིན་སྒོམ་པ་ལ་བརྟེན་ནས་ས་བཅུའི་མཐར་སོན་ཏེ། གློ་བུར་གྱི་དྲི་མ་ཆོས་ཀྱི་དབྱིངས་སུ་ཟད་པའི་ཡོན་ཏན་གྱི་ལུས་སམ་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཆོས་སྐུའི་གོ་འཕང་མངོན་དུ་མཛད་ཀྱང་། གདུལ་བྱའི་དོན་དུ་ཆོས་སྐུའི་དབྱིངས་ལས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་བསྟན་པར་མཛད་ཅིང་། མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་སྟེ་བསྡོམས་པས་བཅུ་ཕྲག་བཅུ་དང་བཅུ་གཉིས་ཀྱི་རྒྱན་གྱིས་སྤྲས་ཤིང་མཛེས་པར་བྱེད་པའི་རྗེ་བཙུན་འཇམ་པའི་དབྱངས་ཏེ། བདག་གི་བློའི་མུན་པ་སེལ་བར་མཛད་པ་ཁྱོད་ལ་སྒོ་གསུམ་གུས་པ་ཆེན་པོས་འདུད་དོ།།
འདིར། རྒྱལ་སྲས་ཐུ་བོའི་སྐུ། ཞེས་ཐུ་བོ་དང་། མུན་སེལ་འཇམ་པའི་དབྱངས་ལ། ཞེས་འཇམ་པའི་དབྱངས་བསྣན་པ་མང་ཞིང་བདག་གི་ཁ་ལ་དེ་ལྟར་བྱང་མོད། བསྟན་འགྱུར་ནང་། ཐུ་བོ་ཞེས་པ་དང་། འཇམ་པའི་དབྱངས་ཞེས་པ་མི་གསལ་ལ། སྤྱིར་གང་བློ་མ་འདི་ཚེག་བར་བཅོ་ལྔ་ཅན་ཡིན་པ་ལ། ཐུ་བོ་དང་། འཇམ་པའི་དབྱངས་ཞེས་བསྣན་ན་ཚེག་བར་བཅུ་བདུན་དུ་འགྱུར་བས་བརྟག་དགོས་པར་སྣང་ངོ་།།
གཟུངས་སྔགས།
ཨོཾ་ཨ་ར་པ་ཙ་ན་དྷཱིཿ
ཨོཾ་ ནི་སྔགས་ཀྱི་མགོ་འདྲེན་ཏེ། ཨ་ཨུ་མ་བཅས་ཡི་གེ་གསུམ་འདུས་པའི་སྐུ་གསུང་ཐུགས་མཚོན།
ཨ་ར་ ནི་འགྲོ་བ་སེམས་ཅན་ལ་གོ།
པ་ཙ་ན་ ནི་སྨིན་པར་བྱེད་པ་ལ་གོ།
དྷཱིཿ དེ་ཉིད་རྟོགས་པའི་ཡེ་ཤེས་སོ།།
གསོལ་འདེབས།
བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་གསལ་གྱིས།།
བདག་བློའི་གཏི་མུག་མུན་པ་རབ་བསལ་ནས།།
བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།།
བློ་གྲོས་སྤོབས་པའི་སྣང་བ་བསྩལ་དུ་གསོལ།།
(ལྡན་པའི་གཟུགས་རྒྱན། / ཆ་ཤས་གཟུགས་རྒྱན། /)
འདི་སུས་མཛད་མིན་མི་ཤེས་ཀྱང་། རྒྱུན་དུ་ཁ་ལ་གོམས་པའི་གསོལ་འདེབས་ཤིག་ཡིན། གོ་དོན་ནི། དེ་ལྟར་གོང་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ལ་བསྟོད་པ་ཕུལ་ཏེ། གསོལ་བར་གདབ་པར་བྱ་བ་ནི། འགྲོ་བ་ཀུན་ཐུགས་བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱོད་ཀྱི་མཁྱེན་རབ་གྱི་འོད་གསལ་གྱིས། བདག་དུག་གསུམ་ཉོན་མོངས་ཀྱི་ཀུན་ནས་འཐིབས་པའི་གཏི་མུག་གི་མུན་པ་སྟུག་པོ་འདི་རབ་ཏུ་བསལ་ནས། རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་སོགས་གཞུང་ལུགས་ཀུན་གྱི་དོན་བདེ་བླག་ཏུ་རྟོགས་པའི་བློ་གྲོས་ཀྱི་སྤོབས་པའི་སྣང་མྱུར་དུ་བསྩལ་དུ་གསོལ་ཞེས་གསོལ་བ་འདེབས་པའོ།།

Пікірлер: 61

  • @dorjeelendey9338
    @dorjeelendey93388 ай бұрын

    Gen La, you’re the needed medicine of the hour ,as we say. Clear, concise and very easy to understand to our ears. With both hands folded in reverence. 🙏🙏

  • @user-vn3zp5jp6k
    @user-vn3zp5jp6k5 ай бұрын

    བཀའ་དྲིན་ཆེ་

  • @GolmaRichoe-wu3jl
    @GolmaRichoe-wu3jl10 ай бұрын

    🌺🌺🌺🙏🙏🙏🙏🙏

  • @woserdolma7382
    @woserdolma73828 ай бұрын

    Thank you gen la

  • @samtennorbu3738
    @samtennorbu3738 Жыл бұрын

    བཀའ་དྲིན་ཆེ་ལགས།

  • @lobsangtsering676
    @lobsangtsering6762 жыл бұрын

    བཀའ་དྲིན་ཆེ་རྒན་ལགས།།

  • @shinjokagama7521
    @shinjokagama75212 жыл бұрын

    Thank you so much for this explanation. You are an amazing teacher. You are so knowledgeable yet humble. Best Tibetan teacher I have come across.

  • @mrtibet7011
    @mrtibet70113 жыл бұрын

    Thank you very much for your detailed explanation.

  • @yuriyuriofficial12
    @yuriyuriofficial122 жыл бұрын

    🙏🙏🙏

  • @lobsanggyaltsen4619
    @lobsanggyaltsen46195 ай бұрын

    🎉🎉

  • @khalsanglhakpa8284
    @khalsanglhakpa82842 жыл бұрын

    🙏

  • @Kp-yq4qh
    @Kp-yq4qh Жыл бұрын

    Thank you so much 🙏🙏🙏

  • @tenzinwangmo3261
    @tenzinwangmo32612 жыл бұрын

    Very good thank you 🙏

  • @sailungkhedup2614
    @sailungkhedup26142 жыл бұрын

    Very very nice gen palden Namgyal la

  • @pemageypo2142
    @pemageypo2142 Жыл бұрын

    Great

  • @tseringdolkar4229
    @tseringdolkar4229 Жыл бұрын

    🙏🙏🙏🙏🙏

  • @rigzindorjee5700
    @rigzindorjee57003 жыл бұрын

    thank so mach

  • @Lifeisbeautiful_187
    @Lifeisbeautiful_1873 жыл бұрын

    བཀའ་འདྲིན ཆེ་ལགས།།

  • @sangnaldo1788
    @sangnaldo17883 жыл бұрын

    བཀའ་དྲིན་ཤིན་ཏུ་ཆེ། 🌺🌺🙏

  • @yeshi5349
    @yeshi53493 жыл бұрын

    རྒན་ལགས་བཀའ་དྲིན་ཆེ་ཞུ་

  • @thuptenjdthesky9
    @thuptenjdthesky93 жыл бұрын

    Thank for rid the obstruction of Gangloma Commentary.

  • @tenzindhadon5433
    @tenzindhadon54333 жыл бұрын

    Thank you so much 🙏🏻🙏🏻🙏🏻🌻🌻🌻🌼🌼🌼

  • @gyaltsenwangchuk7669
    @gyaltsenwangchuk76692 жыл бұрын

    It's excellent.You are a great scholar.

  • @tashilabrang4113
    @tashilabrang41133 жыл бұрын

    👍👍👍

  • @user-pv9gq5jo2m
    @user-pv9gq5jo2m3 жыл бұрын

    བཀའ་དྲིན་ཆེ་བེ་རི་རྒྱལ་སྲས་ལགས།

  • @sonamtsewang5326
    @sonamtsewang53263 жыл бұрын

    Thank you so much very beautiful teaching I am really appreciated 🙏🙏😍🙏

  • @pema9459
    @pema94592 жыл бұрын

    Thank you 🙏

  • @yalomethok3506
    @yalomethok35063 жыл бұрын

    👍🙏🙏🙏

  • @sonamsangmo797
    @sonamsangmo797 Жыл бұрын

    🙏🌹🙏🌹🙏🌹

  • @delekyangkyichongtsatsang6701
    @delekyangkyichongtsatsang67012 жыл бұрын

    བཀའ་དྲིན་ཤིན་ཏུ་ཆེ་དགེ་བཤེས་ལགས་

  • @chhokpasherpa5664
    @chhokpasherpa56642 жыл бұрын

    Thanks for itching

  • @lhakpadhundup8075
    @lhakpadhundup80753 жыл бұрын

    🙏🏻🌷🌷🙏🏻

  • @dkalsang
    @dkalsang3 жыл бұрын

    🙏བཀྲིན་ཆེ་གནང།

  • @dorjikhandu4510
    @dorjikhandu4510 Жыл бұрын

    རྒན་ལགས་ཨོཾ་ཨ་ར་པ་ཙ་ན་དྷི་།ཞེས་པའི་དགོ་དོན་གཅིག་གསུང་རོགས་ནང་ལགས།

  • @tenzinchoekey1100
    @tenzinchoekey11002 жыл бұрын

    Thanks a bunch venerable la

  • @skyerlog5487
    @skyerlog54873 жыл бұрын

    genla kadrinche - less ad would be very helpful less distraction

  • @tseringwangyal2886

    @tseringwangyal2886

    2 жыл бұрын

    Gyen la.. Thuje chey.... Lhamo Yangchen gi delshet nagrok nang....

  • @norbulama6806
    @norbulama68063 жыл бұрын

    💝💝💝💝

  • @tseringlhasa3381
    @tseringlhasa33812 жыл бұрын

    🙏🙏🙏🌹🌹🌹🌷💐👍❤️

  • @thupwangc5302
    @thupwangc5302 Жыл бұрын

    Laso

  • @stanzinkhenrab2863
    @stanzinkhenrab28632 жыл бұрын

    🙏🙏🙏🙏🙏

  • @dawa5277
    @dawa52773 жыл бұрын

    བཀའ་དྲིན་ཆེ་རྒན་ལགས།

  • @monkstar1737
    @monkstar17373 жыл бұрын

    བཀའ་དྲིན་ཆེ

  • @freetibet2765
    @freetibet27653 жыл бұрын

    Thank you... 🙏🙏🙏

  • @thupten5069
    @thupten50692 жыл бұрын

    🙏🙏🙏

  • @sonamdoma3740
    @sonamdoma37402 жыл бұрын

    🙏🌷🙏🌷🙏🌷

  • @geleklama58
    @geleklama582 жыл бұрын

    བཀའ་དྲིན་ཆེ་།

  • @lobsangmonlam5575
    @lobsangmonlam55753 жыл бұрын

    🙏🙏🙏

  • @snowboy245
    @snowboy2453 жыл бұрын

    བཀའ་དྲིན་ཆེ།

Келесі