Watch Kunleng Full Broadcast Live Jun 27, 2024 VOA Tibetan ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ་ ༦ ཚེས་༢༧

Ойын-сауық

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་འཛམ་གླིང་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ཀྱི་སྔོན་འདིར་ཞབས་བརྟན་བསྒྲུབ་བཞིན་པ་དང་། ཨ་རིས་༢༠༢༣ ལོའི་འཛམ་གླིང་ཆོས་དད་རང་མོས་སྙན་ཐོ་སྤེལ་བ། དོ་དགོང་གི་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་རྩོད་བསྡུར་དང་འབྲེལ་བའི་གནས་ཚུལ་སོགས་ཡོད། ཐེངས་འདིའི་ཁ་བའི་མི་སྣའི་ལེ་ཚན་ནང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རྒྱན་འགྲེལ་སྦས་དོན་གསལ་བའི་ཉིན་བྱེད་རྩོམ་པ་པོ་དགེ་བཤེས་ལྷ་རམས་པ་བློ་བཟང་ཕུན་ཚོགས་ལགས་གདན་འདྲེན་ཞུས་ནས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ངོ་སྤྲོད་ཞུས་ཡོད།། དེ་རིང་གི་དྲ་སྣང་གི་བོད་དུ་ཆབ་སྲིད་བཙོན་ཟུར་ཞིག་ལ་མྱ་ངན་ཞུ་བཞིན་པ་དང་། ཏུ་ཡེན་གྱིས་བོད་སྐད་བཀག་སྡོམ་བྱེད་བཞིན་པ་ཐེར་འདོན། ཡུ་ལི་ཁཱ་ཡི་བོད་སྐད་སློབ་ཁྲིད་རྒྱུད་ལམ་ངོ་སྤྲོད་སོགས་ཡོད།
» Subscribe to VOA Tibetan: kzread.info?su...
ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་ཕྱི་ལོ་༡༩༩༠ ཟླ་༢ ཚེས་༡༦ ཉིན་ཨ་རིའི་གྲོས་ཚོགས་ཀྱིས་བོད་མི་དམངས་ལ་བོད་སྐད་རང་གི་ཐོག་རྒྱང་སྲིང་ལས་རིམ་ཞིག་འཛུག་དགོས་པའི་བཅའ་ཁྲིམས་གཏན་འབེབས་གནང་སྟེ་ཚུགས་པ་དང་། དེ་ནི་རྒྱ་ནག་གཞུང་གིས་གསར་འགྱུར་དམ་དྲག་བྱས་ཡོད་པའི་བོད་ཁམས་ཡོངས་སུ་གནས་ཚུལ་ཇི་མ་ཇི་བཞིན་ཁྱབ་སྤེལ་བྱ་རྒྱུར་དམིགས་ཡོད། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བདུན་ཕྲག་རེར་ཆུ་ཚོད་གསུམ་རེའི་བརྙན་འཕྲིན་ལས་རིམ་གཏོང་བཞིན་པར་མ་ཟད་ཉིན་མཚན་དབྱེར་མེད་ཐོག་ཆུ་ཚོད་༢༤་རིང་མཚམས་ཆད་པ་མེད་པར་རླུང་འཕྲིན་རྒྱང་སྲིང་བྱེད། ཨ་རིའི་རླུང་འཕྲིན་ཁང་གིས་བོད་དང་། བཙན་བྱོལ་བོད་མི་འདུས་སྡོད་བྱེད་ས་ཁག ཧི་མ་ལ་ཡའི་རི་རྒྱུད་ཀྱི་གསན་མཁན་དང་གཟིགས་མཁན་ཡོངས་ལ་དམིགས་ཏེ་འཁོར་སྐར་བརྒྱུད་བརྙན་འཕྲིན་དང་རླུང་འཕྲིན་རྒྱང་སྲིང་བྱེད་ཅིང་། དྲྭ་ལམ་དང་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་བརྒྱུད་བོད་དང་འཛམ་གླིང་གསར་འགྱུར་ནི་བརྙན་འཕྲིན་དང་། སྒྲ། ཡིག་ཐོག་བཅས་ནས་འགྲེམ་སྤེལ་བྱེད་བཞིན་ཡོད།
VOA Tibetan reaches its audience through television, radio, the Internet, and social media platforms with uncensored news unavailable to Tibetans through state-controlled Chinese media. VOA offers discussions on important issues, information that helps support Tibetan civil society, and counters official Chinese propaganda and misinformation about the U.S. VOA Tibetan audiences are located in the Tibet Autonomous Region, the autonomous Tibetan areas in the Chinese provinces of Qinghai, Sichuan, Gansu, and Yunnan, and in Bhutan, Nepal, and India-where Tibetan speakers live.
» VISIT OUR WEBSITE: www.voanews.com
» LIKE OUR FACEBOOK PAGE: / voatibetan
» FOLLOW US ON INSTAGRAM: / voatibetan
» FOLLOW US ON TWITTER: / voatibetan
» 24 hour Radio Show streaming:www.voatibetan.com/live/audio/57

Пікірлер: 2

  • @tenzinjamyang8832
    @tenzinjamyang88322 күн бұрын

  • @genchottagyatso7725
    @genchottagyatso77252 күн бұрын

    སྲིད་འཛིན་ལས་ཐོག་བྷྱོ་བྷ་ཊན་མུ་མཐུད་ཀྱི་སྲིད་འཛིན་ཐིང་གཉིས་པ་ལས་སླ་པོར་ཐོབ་པའི་སྨོན་ལམ་ཞི་བདེ་ལ་དགའ་བའི་མི་དམངས་ཡོངས་ཀྱི་རྒྱག་དགོས་གིས་རེད།།🙏🐎🌷👌

Келесі