No video

Toeshey Gangtoe Thonpo ༼རོང་ཤར་གྱི་འཁྲབ་གཞས།༽

Toeshey Gangtoe Thonpo ༼རོང་ཤར་གྱི་འཁྲབ་གཞས།༽ གཞས་གཏོང་མཁན། བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ། གཞས་ཁྲབ་མཁན། མེ་ཌི་སེན་ཕ་མའི་རུ་ཁག། བརྙན་ལེན་པ། མི་འགྱུར་རྒྱས་གོང།
December, 10, 2022 Wisconsin Tibetan association celebrating 33th anniversary of Nobel Peace Prize on HH.The Great 14th Dalai Lama. Madison parents dance performance .
གངས་སྟོད་མཐོན་པོ་ཕྱི་ལ་བཞུགས།
ཕྱི་ལ་བཞུགས་པའི་ལྕགས་རི་བཞུགས།
དྭངས་སེང་དཀར་མོ་ནང་ལ་རུག།
ནང་ལ་རུག་པའི་ནོར་བུ་བཞུགས།
ནོར་བུ་གཞན་དང་འདྲ་ས་མེད།
རྒྱ་མཚོའི་གཏིང་གི་ནོར་བུ་ཡིན།
གངས་སྟོད་མཐོན་པོ་ལུང་བཟང་ཡར་རུ་བཞུགས།
གངས་སྟོད་མཐོན་པོ་ལུང་བཟང་ཡར་རུ་བཞུགས།
དྭངས་སེང་དཀར་མོ་སྔར་ཡང་རྒྱས་སོང། ད་ཡང་རྒྱས་པར་ཤོག།
སྐུ་ཁམས་བཟང་བར་ཤོག།
གཡུ་རལ་སྔོན་མོ་སྔར་ཡང་རྒྱས་སོང། ད་ཡང་རྒྱས་པར་ཤོག།
སྐུ་ཁམས་བཟང་བར་ཤོག།
བྲག་སྟོད་མཐོན་པོ་ལུང་བཟང་ཡར་རུ་བཞུགས།
བྲག་སྟོད་མཐོན་པོ་ལུང་བཟང་ཡར་རུ་བཞུགས།
བྱ་རྒྱལ་རྒོད་པོ་སྔར་ཡང་རྒྱས་སོང། ད་ཡང་རྒྱས་པར་ཤོག།
སྐུ་ཁམས་བཟང་བར་ཤོག།
གཤོག་རྩལ་ལེགས་མོ་སྔར་ཡང་རྒྱས་སོང། ད་ཡང་རྒྱས་པར་ཤོག།
སྐུ་ཁམས་བཟང་བར་ཤོག།
སྤང་སྟོད་མཐོན་པོ་ལུང་བཟང་ཡར་རུ་བཞུགས།
སྤང་སྟོད་མཐོན་པོ་ལུང་བཟང་ཡར་རུ་བཞུགས།
ཤྭ་བ་རྭ་ཅོ་སྔར་ཡང་རྒྱས་སོང། ད་ཡང་རྒྱས་པར་ཤོག།
སྐུ་ཁམས་བཟང་བར་ཤོག།
རྭ་རྩལ་ལེགས་མོ་སྔར་ཡང་རྒྱས་སོང། ད་ཡང་རྒྱས་པར་ཤོག།
སྐུ་ཁམས་བཟང་བར་ཤོག།
སྒོ་མོ་གསེར་སྒོ་ཕྱེས་པའི་ནང་ཞིག་ན། སྒོ་མོ་གསེར་སྒོ་ཕྱེས་པའི་ནང་ཞིག་ན། གསེར་ལ་སེར་པོའི་མགྲོན་སྐྱོགས་ཆ་གཅིག་ཡོད།
ཡིད་འོང་ཡིད་འཕྲོག་མཛེས་མའི་ནོར་སྐལ་བྱས།
སང་ཞོགས་བླ་མ་མཇལ་བའི་ལ་མཇལ་དར་དགོས།
ཡིད་འོང་ཡིད་འཕྲོག་མཛེས་མའི་ནོར་སྐལ་བྱས།
སང་ཞོགས་བླ་མ་མཇལ་བའི་ལ་མཇལ་དར་དགོས།
སྒོ་མོ་གཡུ་སྒོ་ཕྱེས་པའི་ནང་ཞིག་ན།
སྒོ་མོ་གཡུ་སྒོ་ཕྱེས་པའི་ནང་ཞིག་ན།
གཡུ་ལ་སྔོན་མོའི་མགྲོན་སྐྱོགས་ཆ་གཅིག་ཡོད།
ཡིད་འོང་ཡིད་འཕྲོག་མཛེས་མའི་ནོར་སྐལ་བྱས།
སང་ཞོགས་བླ་མ་མཇལ་བའི་ལ་མཇལ་དར་དགོས།
ཡིད་འོང་ཡིད་འཕྲོག་མཛེས་མའི་ནོར་སྐལ་བྱས།
སང་ཞོགས་བླ་མ་མཇལ་བའི་ལ་མཇལ་དར་དགོས།
སྒོ་མོ་དུང་སྒོ་ཕྱེས་པའི་ནང་ཞིག་ན།
སྒོ་མོ་དུང་སྒོ་ཕྱེས་པའི་ནང་ཞིག་ན།
དུལ་ལ་དཀར་མོའི་མགྲོན་སྐྱོགས་ཆ་གཅིག་ཡོད།
ཡིད་འོང་ཡིད་འཕྲོག་མཛེས་མའི་ནོར་སྐལ་བྱས།
སང་ཞོགས་བླ་མ་མཇལ་བའི་ལ་མཇལ་དར་དགོས།
ཡིད་འོང་ཡིད་འཕྲོག་མཛེས་མའི་ནོར་སྐལ་བྱས།
སང་ཞོགས་བླ་མ་མཇལ་བའི་ལ་མཇལ་དར་དགོས།
༡༢༣ བཀྲ་ཤིས་ཞབས་བྲོ་གསུང་དབྱངས་འགྲིག།

Пікірлер

    Келесі