No video

New ladakhi song / Zesduk Aryai Yuljongs

#zesdukaryaiyuljongs #aryanvalley #dechenchuskit #ladakhisong #newladakhisong #ladakh #utladakh #himalaya #dancesong #aryanculture #aryanmusic
.
.
.
.
.
གླེ་ཆེན་རྒྱལ་སའི་ནུབ་ཕྱོགས་ན།།
མཛེས་སྡུག་ཨཱརྱའི་ཡུལ་ལྗོངས་ཡོད།།
མདའ་ཧ་ནུ་གར་ཁུན་དར་རྩིགས།།
ཡིད་དུ་འོང་བའི་སྐྱེད་ཚལ་འདྲ།།
To the West of Leh
Lies the Beautiful Aryan Valley
With villages Dha, Hanu, Garkhon, Dartsigs
Like an Appealing garden.
རི་ལྗོངས་ལྷ་ཤིང་ཤུག་པ་དང་།།
མེ་ཏོག་མཛེས་རྒྱན་དྲི་བཟང་ཁྱབ།།
གྲོག་ཆུ་ཆུ་མིག་བསིལ་བསིལ་ཀུན།།
ང་ཡི་ཡུལ་གྱི་མཛེས་རྒྱན་ཡིན།།
The Junipers on the mountains,
The fragrant flowers all over,
The cool water of the streams and springs.
Are the ornaments of my village.
ཤིང་ཏོག་ཕ་ཏིང་རྒུན་ཀུ་ཤུ།།
ཇམས་ཚོད་བཅུད་ལྡན་སྣ་ཚོགས་ཡོད།།
ལུས་ལ་ཕན་པའི་སྟོན་ཐོག་གུན།།
ང་ཡི་ཡུལ་གྱི་མཛེས་རྒྱན་་ཡིན།།
The trees of Apricots, Grapes, and Apples
along with nutritious vegetables.
And crops are ornaments of my village
ལྷ་ནས་ཆད་པའི་མི་རིགས་ཡོད།།
སེམས་བཟང་གཅིག་མཐུན་གཅིག་སྒྲིལ་ཡོད།
སྐད་དང་ལུགས་སྲོལ་ཕྱུག་པོ་གུན།།
ང་ཡི་ཡུལ་གྱི་མཛེས་རྒྱན་ཡིན།།
The divine descendants here
With clean hearts live together
The rich language and heritage
Are the ornaments of my village
བོ་ནོ་ནཱ་དང་མན་ཁྲ་ནཱ།།
སྔོ་ལྷ་དཔྱིད་ཚེས་ཐོ་སྲ་ལི།།
འཛམ་གླིང་མངོན་པའི་རྟགས་བཟང་གུན།།
ང་ཡི་ཡུལ་གྱི་་མཛེས་རྒྱན་ཡིན།།
The festivals like
Bonana, Manthana, Sngola, Spittses , Thorshali
Famous in the world
Are the ornaments of my village.

Пікірлер: 628

    Келесі