New Amdo song ༼རྫ་རི་ཨ་ཆེན་ཐང།༽with lyric

New Amdo dance song ༼རྫ་རི་ཨ་ཆེན་ཐང།༽#Tibet#lhakargorshey Madison
ཚིག་དང་གདངས། དམངས་ཁྲོད།
ལེན་མཁན། ཁྱུང་རྒྱལ། དང་ སྒྲོལ་མ་ཆོས་སྐྱིད།
ཞབས་བྲོ་བ། མེ་ཌེ་སིན་མཐོ་གངས་གྱི་བུ་མོའི་རུ་ཁག།
རྫ་རི་ཨ་ཆེན་ཐང་སྟོད་ལ།
ཐང་ཆེན་ལེ་མོ་ཐང་གི་ཐང་སྟོད་ལ།
ཡ་ལུང་ཆོས་ར་འཛོམས་པའི་གུར་ཞིག་འཕུལ།
མགོ་ལ་ཞྭ་སེར་ཅན་གྱི་ནམ་མཁའ་གང།
ལུས་ལ་ཆོས་གོས་ཅན་གྱི་ས་གཞིར་ཁྱབས།
རྐང་ལ་སོག་ལྷམ་ཅན་གྱི་ས་དགྲ་ནོན།
རྫ་རི་ཨ་ཆེན་ཐང་གི་ཐང་དཀྱིལ་ལ།
ཐང་ཆེན་ལེ་མོ་ཐང་གི་ཐང་དཀྱིལ་ལ།
ཡ་ལུང་སྟག་ཤར་འཛོམས་པའི་གུར་ཞིག་འཕུལ།
མགོ་ལ་ལྦ་ཞྭ་ཅན་གྱི་ནམ་མཁའ་གང།
ལུས་ལ་ཚ་རུ་གོང་པས་ས་ཞིག་ཁྱབས།
ལས་ལ་རླུང་རྟའི་ཨུ་ཕང་ཐོ་བ་ཤོག།
རྫ་རི་ཨ་ཆེན་ཐང་གི་ཐང་སྨད་ལ།
ཐང་ཆེན་ལེ་མོ་ཐང་གི་ཐང་སྨད་ལ།
ཡ་ལུང་སྨན་ཤར་འཛོམས་པའི་གུར་ཞིག་འཕུལ།
མགོ་ལ་ཚར་ཞྭ་ཅན་གྱི་ནམ་མཁའ་གང།
ལུས་ལ་ཚ་རུ་གོང་པས་ས་ཞིག་ཁྱབས།
སྨན་ལ་བུ་མོའི་ལང་ཚོ་རྒྱས་པར་ཤོག།
སྨན་ལ་བུ་མོའི་ལང་ཚོ་རྒྱས་པར་ཤོག།
སྨན་ལ་བུ་མོའི་ལང་ཚོ་རྒྱས་པར་ཤོག།
སྨན་ལ་བུ་མོའི་ལང་ཚོ་རྒྱས་པར་ཤོག།

Пікірлер

    Келесі