Latest Tibetan Remixed Gorshey ༼ བོད་ཀྱི་སྒོར་གཞས་འཁྲབ་ཤོགས།༽

བོད་ཀྱི་སྒོར་གཞས་འཁྲབ་ཤོག།
གཞས་པ་རང་གསལ་དཔལ་ལྡན།།
འཁྲབ་ཤོག་འཁྲབ་ཤོག།
ཉམ་དགའ་བའི་སྒོར་གཞས་འཁྲབ་ཤོག།
སྟོད་ཀྱི་མངའ་རིས་བསྐོར་གསུམ།།
འཛོམས་གསུམ་བྲོ་ལ་འཛོམས་ནས།།
འཁྲབ་ཤོག།
མངའ་རིས་སྒོར་གཞས་ཤོག།
འཛོམས་གསུམ་བྲོ་ལ་འཛོམས་ནས།།
འཁྲབ་ཤོག།
ཞང་ཞུང་སྒོར་གཞས་འཁྲབ་ཤོག།
འཁྲབ་ཤོག་འཁྲབ་ཤོག།
ལུས་བདེ་བའི་སྒོར་གཞས་འཁྲབ་ཤོག།
བར་གྱི་དབུས་གཙང་རུ་བཞི།།
འཛོམས་གསུམ་བྲོ་ལ་འཛོམས་ནས།།
འཁྲབ་ཤོག།
གཙང་གི་སྒོར་གཞས་འཁྲབ་ཤོག།
འཛོམས་གསུམ་བྲོ་ལ་འཛོམས་ནས།།
འཁྲབ་ཤོག།
ནག་ཆུའི་སྒོར་གཞས་འཁྲབ་ཤོག།།
འཁྲབ་ཤོག་འཁྲབ་ཤོག།
སེམས་དགའ་བའི་སྒོར་གཞས་འཁྲབ་ཤོག།
སྨད་ཀྱི་མདོ་ཁམས་སྒང་དྲུག།
འཛོམས་གསུམ་བྲོ་ལ་འཛོམས་ནས།།
འཁྲབ་ཤོག།
སྨར་ཁམས་སྒོར་གཞས་འཁྲབ་ཤོག།
འཛོམས་གསུམ་བྲོ་ལ་འཛོམས་ནས།།
དཀར་མཛེས་སྒོར་གཞས་འཁྲབ་ཤོག།
འཁྲབ་ཤོག་འཁྲབ་ཤོག།
བོད་ཕུ་ནུ་མདོ་དབུས་ཁམས་གསུམ།།
ས་གངས་ཅན་དྭགས་པའི་ཞིང་ལ།།
མཉམ་འཛོམས་བྲོ་ལ་མཛོམས་ནས།།
འཁྲབ་ཤོག
བོད་ཀྱི་སྒོར་གཞས་འཁྲབ་ཤོག།
མཛེས་པའི་རྒྱན་ཆ།།
གཞས་པ་རང་གསལ་དཔལ་ལྡན་དང་སྣང་གསར།།
མགོ་ཞ་ཝ་མར་གྲ་ལོ་དང་གཅིག་བསོ།།
ཞྭ་གཡོག་གོས་ཆེན་འབྲུག་མ་དང་གཉིས་བསོ།།
བསོ་རྒྱབ་དར་དར་མཚོན་སྔའི་གི་རྒྱན་རེད།།
མགོ་མ་གོན་ན་ཞྭ་མོ་དེ་དྲོད་ཆེ།།
མིག་གིས་བསྟས་ན་ཞྭ་མོ་དེ་མཛེས་བསོ།།
མགོ་ཞྭ་ཝ་མར་མགོ་ཕྱོགས་གི་རྒྱན་རེད།།
ལུས་གོས་ཚར་རུ་དཀར་འཇམ་དང་གཅིག་བསོ།།
ཆར་གཡོག་སྤུ་རུག་འཐིབ་རྒྱ་དང་གཉིས་བསོ།།
ཆུ་བསམ་དམུག་པའི་མཐའ་རྒྱན་གི་རེད།།
ལུས་ལ་གོན་ན་ཚ་རུ་དེ་དྲོ་ཆེ།།
མིག་གིས་བསྟས་ན་ཚར་གཡོག་དེ་མཛེས་བསོ།།
དཀར་འཇམ་ཚ་རུ་ལུས་ཕྱོགས་གི་རྒྱན་རེད།།
ལྷམ་ཆུང་འབུ་ལྷམ་འཇའ་ཆེན་དང་གཅིག་བསོ།།
ཧམ་གྲོག་གབ་ཚེ་དམིག་མ་དང་གཉིས་བསོ།།
ཁ་ཚར་སྟོང་དགུ་སྒྲིས་གི་རྒྱན་རེད།།
རྐང་ལ་གོན་ན་ཞབས་བྲོ་དེ་བདེ་བ།།
མིག་གིས་བསྟས་ན་ཧམ་གྲོག་དེ་མཛེས་བསོ།།
ལྷམ་ཆུང་འབུ་ལྷམ་རྐང་ཕྱོགས་གཤ་རྒྱན་ཡིན།།
བསོ་དེ་ཚོ་གངས་ཅན་མི་ཡིས་གི་རྒྱན་རེད།།
སྐྱིད་པའི་གངས་ལྗོངས།།
གཞས་པ་རང་གསལ་དཔལ་ལྡན་དང་སྣང་གསར།།
ཁ་བ་དཀར་པོ་འཛམ་གླིང་ཡང་རྩེ་རུ།།ཡ་ལ་སེ།།
ལྟ་ན་སྡུག་པའི་བྱང་གི་འབྲོག་ཐང་སྟེ།།ཡ།
རྟ་ནོར་ལུག་སོགས་འཕེལ་ཁ་དར་བའི་གནས།།ཡ་ལ།
སྐྱིད་པའི་ཕ་ཡུལ་གངས་ལྗོངས་བསྟོད་གླུ་འབུལ།།ཡ།
ལྗང་མདོག་གཡུ་ཡི་རྩ་ཐང་ཡངས་པོ་རུ།།ཡ་ལ་སེ།
མེ་ཏོག་སྣ་ཚོགས་ཁ་དོག་མཛེས་སེ་མཛེས།།ཡ།
དགའ་བའི་གནས་ལ་ངོ་སོ་ཡང་བསྟོད།།ཡ་ལ།
སྐྱིད་པའི་ཕ་ཡུལ་གངས་ལྗོངས་བསྟོད་གླུ་འབུལ།།ཡ།
གངས་ཅན་བོད་ཡུལ་བདེ་སྐྱིད་ལྡན་པའི་ས།།ཡ་ལསེ།
རི་བོ་མཐོ་ལ་ཆུ་བོ་གཙང་སེ་གཙང་།།ཡ།
རྩ་ཆེན་རིན་བྲལ་གཏེར་ཁ་དར་ཞིང་རྒྱས།།་ཡ་ལ།
སྐྱིད་པའི་ཕ་ཡུལ་གངས་ལྗོངས་བསྟོད་གླུ་འབུལ།།ཡ།
གངས་རིའི་བས་བསྐོར་བའི་གནས་མཆོག་སྟེ།།ཡ་ལ་སེ།།
དྭངས་གཙང་ཆུ་མོའི་ཆུ་ཚན་བཞུར་སེ་བཞུར་ཡ།
ལྟ་ན་སྡུག་པའི་གངས་ལྗོངས་མཛེས་སེ་མཛེས།།ཡལ།
སྐྱིད་པའི་ཕ་ཡུལ་གངས་ལྗོངས་བསྟོད་གླུ་འབུལ།།ཡ།
ཕ་ས་གངས་ཀྱི་བུ་ཡུག་འཚུབ་སེ་འཚུབ།།ཡ་ལ་སེ།
བྲེ་སེར་འབྲོངགི་ངུར་སྒྲ་འུར་རུ་རུ།།ཡ།
གཡང་མོ་ལུག་གི་འབའ་སྒྲ་སང་སེ་སང་།།ཡ་ལ།
སྐྱིད་པའི་ཕ་ཡུལ་གངས་ལྗོངས་བསྟོད་གླུ་འབུལ།།ཡ།
བྱམས་དང་སྙིང་རྗེ་གདོང་དམ་་བུ་ཡི་རྒྱུད།།ཡ་ལ་སེ།
མི་བོ་སྟོབས་ཆེན་སྙིང་རུས་ཆེ་ཡང་ཆེ།།ཡ།
ལྷག་བསམ་ཟོལ་མེད་སེམས་པ་དཀར་སེ་དཀར།།ཡ་ལ།
སྐྱིད་པའི་ཕ་ཡུལ་གངས་ལྗོངས་བསྟོད་གླུ་འབུལ།།ཡ།

Пікірлер: 13

  • @lobsangchoegyal754
    @lobsangchoegyal7549 ай бұрын

    Thank you for the lyric.

  • @tseringyoudon2002
    @tseringyoudon20029 ай бұрын

    ❤❤❤❤❤❤

  • @lobsangyingney5709
    @lobsangyingney570910 ай бұрын

    ,❤❤❤❤❤

  • @rinchendodo8131
    @rinchendodo813111 ай бұрын

    དཔེ་ཡག་པོ་འདུག་་་་རྒན་ལགས🎉

  • @KungaTGorsheyChannel
    @KungaTGorsheyChannel11 ай бұрын

    Been waiting for this… 👍🏻❤️

  • @tseringdolma476
    @tseringdolma47611 ай бұрын

    👍😊

  • @tenzinpema5810
    @tenzinpema581011 ай бұрын

    Tsabo 🤟🔥🔥🔥

  • @user-ir3bk2bv8u
    @user-ir3bk2bv8u11 ай бұрын

    ❤❤❤

  • @jamyangdolma5954
    @jamyangdolma595411 ай бұрын

    Super gyenla

  • @user-ir3bk2bv8u
    @user-ir3bk2bv8u11 ай бұрын

    ཡག་པོ་འདུག་

  • @Kunsang000
    @Kunsang00011 ай бұрын

    ❤❤❤❤

  • @lochungtsangchodon6733
    @lochungtsangchodon673311 ай бұрын

    So nice dance

  • @tseringyangtso2168
    @tseringyangtso216811 ай бұрын

    🎉🎉🎉

Келесі