No video

Amdo Domey song ༼ཨེ་མ་ཧོ་ལ་ངོ་མཙར་ཆེ།༽

Amdo Domey song ༼ཨེ་མ་ཧོ་ལ་ངོ་མཙར་ཆེ།༽
༄༅། །ལྦི་སི་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༣༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བ། ཝི་སི་ཀོན་སིན་བོད་ཀི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་སློབ་ཕྲུག་ནས་གཞས་སྣ་འཁྲབ་སྟོན་ཞུ་བ།Wisconsin Tibetan association celebrating 34th anniversary of Nobel Peace Prize on HH.The Great 14th Dalai Lama.
Wisconsin Tibetan Language and Culture School performance culture dance show.
༼ཨེ་མ་ཧོ་ལ་ངོ་མཙར་ཆེ།༽
དགུང་སྔོན་ལྷ་ཡི་ལམ་ལ་ཉི་ཟླ་འཆར་ནས་མཛེས་སོ།
ཨེ་མ་ཧོ་ལ་སོའོ།
ཨེ་མ་ཧོ་ལ་ངོ་མཙར་ཆེ།
འོད་ཀྱིས་གླིང་བཞི་གསལ་ཚེ།
ཨེ་མ་ཧོ་ལ་ངོ་མཙར་ཆེ།
པདྨའི་འཛུམ་ཟེར་འཁྲིགས་འཁྲིགས།
ཡངས་པའི་ནོར་འཛིན་ཁྱོན་ལ།
རྩི་ཤིང་སྐྱེས་ནས་མཛེས་སོ།
ཡངས་པའི་ནོར་འཛིན་ཁྱོན་ལ།
རྩི་ཤིང་སྐྱེས་ནས་མཛེས་སོ།
ལོ་འདབ་འབྲུ་ཡིས་ཕྱུག་ན།
བྱིའུ་ཆུང་ལྡེམ་ལྡེམ་ཁྱུག་ཁྱུག།
ལོ་འདབ་འབྲུ་ཡིས་ཕྱུག་ན།
བྱིའུ་ཆུང་ལྡེམ་ལྡེམ་ཁྱུག་ཁྱུག།
བར་སྣང་ཁོར་ཡུག་ཁྱོན་ལ།
ལྷོ་སྤྲིན་འཐིབས་ཚེ་མཛེས་སོ།
བར་སྣང་ཁོར་ཡུག་ཁྱོན་ལ།
ལྷོ་སྤྲིན་འཐིབས་ཚེ་མཛེས་སོ།
གློག་གི་གར་སྟབས་གཡོས་ཚེ།
དཔྱིད་ཀྱི་སྦྲང་ཆར་ཟིམ་ཟིམ།
གློག་གི་གར་སྟབས་གཡོས་ཚེ།
དཔྱིད་ཀྱི་སྦྲང་ཆར་ཟིམ་ཟིམ།
བོད་ཡུལ་ཐ་གྲུའི་ཁྱོན་ལ།
མཁན་སློབ་ཞལ་རྒྱས་མཛེས་བྱུང།
བོད་ཡུལ་ཐ་གྲུའི་ཁྱོན་ལ།
མཁན་སློབ་ཞལ་རྒྱས་མཛེས་བྱུང།
རྒྱལ་པོའི་བཞེད་པ་འགྲུབ་པའི།
རྫོགས་ལྡན་མངོན་སུམ་གསལ་གསལ།
རྒྱལ་པོའི་བཞེད་པ་འགྲུབ་པའི།
རྫོགས་ལྡན་མངོན་སུམ་གསལ་གསལ།
བསམ་ཡས་བྲག་དམར་བྲག་དམར་འོམ་བུའི་ཚལ་ན།
གཙུག་ལག་བཞེངས་པ་སྔར་ལས་མཛེས་སོ།
གཙུག་ལག་བཞེངས་པ་སྔར་ལས་མཛེས་སོ།
འཆད་ཉན་སྒོམ་གྲྭ་སྒོམ་གྲྭས་བཤད་སྒྲུབ་སྡེ་ཚུགས།
སངས་རྒྱས་བསྟན་པ་དར་ཞིང་རྒྱས་རྒྱས།
གཙུག་ལག་བཞེངས་པ་སྔར་ལས་མཛེས་སོ།
བསྟན་པ་རྨད་བྱུང་མོད་སྔགས་ཡོངས་རྫོགས།
བསྟན་པ་པཎ་གྱུབ་སངས་རྒྱས་དངོས་བྱོན།
བསྟན་པ་པཎ་གྱུབ་སངས་རྒྱས་དངོས་བྱོན།
མཁའ་ནས་ལྷ་ཡིས་གྲོགས་མཛོད།
ས་ལ་རྒྱལ་བློན་མཐུན་རྐྱེན།
ཨེ་མ་ཧོ་ལ་སོའོ།
ཨེ་མ་ཧོ་ལ་ངོ་མཙར་ཆེ།
རྒྱབ་བརྟེན་བླ་ལྷས་མཛེད་ཅིག།
ཨེ་མ་ཧོ་ལ་ངོ་མཙར་ཆེ།
བཀྲིས་རོལ་མོ་སྤེལ་ཤོག།
བཀྲིས་རོལ་མོ་སྤེལ་ཤོག།
བཀྲིས་རོལ་མོ་སྤེལ་ཤོག།

Пікірлер

    Келесі